top of page
About Us

ང་ཚོའི་སྐོར།

སེམས་ཀྱི་ཞི་བདེ་ཚོགས་པའི་ངོ་སྤྲོད་མདོར་བསྡུས།
 

༄༅། །སེམས་ཀྱི་ཞི་བདེ་ཚོགས་པ་ནི་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་མགོ་འཛུག་ཞུས་པ་ཞིག་ཡིན། དེ་ཡང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༣༣ འཁོར་བའི་དུས་ཆེན་དང་སྟབས་བསྟུན་གསར་འཛུགས་ཞུས་པའི་ཞི་བདེ་གོང་འཕེལ་གཏོང་བའི་ཁེ་མེད་ཚོགས་པ་ཞིག་ཡིན།

ཚོགས་པའི་དམིགས་ཡུལ།

ཆོས་དད་ཡོད་མེད་ལ་མ་ལྟོས་པར་སེམས་ཀྱི་ཞི་བདེ་དང་བསམ་བློའི་ཀུན་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། ཞི་བདེ་དང་བདེ་སྐྱིད་གོང་འཕེལ་སླད་ནང་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཁག་ལ་རྒྱུས་ལོན་གཏིང་ཟབ་ཐོག་ནས་ཐབས་ལམ་ཁག་བཀོལ་སྤྱོད་གནད་སྨིན་བྱ་རྒྱུ་དང་། སེམས་ཁམས་ཞི་ལྷོད་དང་སྐྱིད་པོའི་ཐོག་ནས་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་རྒྱུ་བཅས་ཡིན།

 

དམིགས་ཡུལ་དེ་དག་མངོན་འགྱུར་ཡོང་ཐབས་གཙོ་བོ་གསུམ་ནི།

                         ༡༽ མི་སོ་སོའི་འདོད་མོས་དང་མཐུན་པའི་སེམས་ཀྱི་ཞི་བདེ་འཚོལ་ཐབས་ཀྱི་སློབ་ཁྲིད་སྣ་མང་བྱ་རྒྱུ།

                         ༢༽ ནང་བསྟན་ཆུ་ཚད་མཐོ་བའི་དགེ་བཤེས་རྣམ་པས་མི་རིགས་འདྲ་མིན་ལ་རིགས་ལམ་དང།  བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུ།

                         ༣༽ སྐད་ཡིག་སྣ་མང་མཁྱེན་པའི་དགེ་བཤེས་གསོ་སྐྱོང་ཆེད།  དགེ་བཤེས་རྣམས་ལ་དབྱིན་ཡིག་སོགས་བསླབ་རྒྱུ།

ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པའི་སྐོར་དགེ་བཤེས་རྣམ་པས་དངོས་སུ་འདུ་འཛོམས་དང་དྲ་ཐོག་སློབ་ཁྲིད་སོགས་སྟབས་གང་བདེའི་ཐོག་གནང་རྒྱུ།

Teachers

འཛིན་གྲྭ་སྣ་མང།

WhatsApp Image 2023-03-10 at 13_edited.j
ཆོས་ཀྱི་འཛིན་གྲྭ།

སློབ་ཕྲུག་གིས་རེ་སྐུལ་གཞིར་བཟུང་སེམས་ཁམས་རིག་པ་ལྟ་གྲུབ་དང་འབྲེལ་བའི་བསླབ་གཞི་ལས་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་འཚོལ་ཐབས་དང་རྣམ་དཔྱོད་ཀྱི་བློོ་མིག་ཡར་རྒྱས་གཏོང་ཐབས་དང། ཐབས་ལམ་དེ་དག་གིས་མི་རྣམས་བརྩོན་སེམས་ཆེ་བ་དང་། ཞི་ཞིང་དུལ་བ། སེམས་ཀྱི་ཞི་བདེ། ཆོག་ཤེས། མི་ཚེ་དོན་དང་ལྡན་པ་བཅས་འོང་བ་ལ་ཕན་ཐོགས་རླབས་ཆེན་བསྒྲུབ་ཐུབ།

 

ཉིན་རེའི་འཛིན་གྲྭ་ཁག་ལ་ཁྱེད་ཀྱིས་འདི་ནས་རྒྱུས་ལོན་གནང་ནའང་ཆོག ཡང་ན་ཁྱེད་ཀྱི་ཐུགས་འདོད་ལྟར་ལས་འཆར་གཞན་དག་ཡོད་ཚེ་ང་ཚོར་འབྲེལ་བ་གནང་ནའང་ཆོག །

Tibet-dz-zh_edited.png
རིགས་ལམ་དང་བོད་ཀྱི་སྐད་ཡིག་འཛིན་གྲྭ །

སློབ་ཕྲུག་ཚོས་རིགས་ལམ་དང་བོད་ཀྱི་སྐད་ཡིག་སོགས་ཡར་རྒྱས་ཡོང་ཆེད་སློབ་ཕྲུག་མི་རེ་ངོ་རེའི་གནས་ཚད་དང་དགོས་མཁོ་དང་འཚམ་པའི་དྲྭ་ཐོག་གི་འཛིན་གྲྭའམ་འཛིན་ཁང་ནང་དངོས་སུ་སློབ་ཁྲིད་གོ་སྒྲིག་ཞུས་ཡོད།

འཛིན་གྲྭའི་སྐོར་ཞིབ་ཚགས་ཤེས་འདོད་ཡོད་ཚེ་ང་ཚོར་འབྲེལ་བ་གནང་རོགས།

WhatsApp Image 2023-03-05 at 21.15_edited.jpg
སྐད་ཡིག་གཞན་གྱི་ཤེས་ཚད་གོང་མཐོར་གཏོང་ཆེད་དགེ་བཤེས་རྣམས་ཀྱི་སྐད་ཡིག་འཛིན་གྲྭ །

ཕྱི་རྒྱལ་སློབ་ཕྲུག་ཚོ་དང་ཕན་ཚུན་མཉམ་འབྲེལ་ཐོག་ནང་ཆོས་དང་སྐད་ཡིག་ཡར་རྒྱས་ཆེད་དགེ་བཤེས་རྣམས་ཀྱིས་དབྱིན་ཇི་དང་རྒྱ་སྐད་སོགས་སྐད་རིགས་སྣ་ཚོགས་ཤིག་སློབ་གཉེར་གནང་བཞིན་ཡོད།

དགེ་བཤེས་རྣམས་ཀྱིས་སྐད་རིགས་སྣ་ཚོགས་སློབ་གཉེར་གནང་བའི་བརྒྱུད་རིམ་ཁྲོད་ཁྱེད་ཀྱིས་ཁོང་རྣམས་ལ་ཕྱག་རོགས་གནང་འདོད་ཡོད་ཚེ། ང་ཚོར་སྐད་འཕྲིན་ (whatsapp) ནམ་གློག་འཕྲིན་(e-mail) ཐོག་ནས་འབྲེལ་བ་གནང་ན་འཐུས།

Contact

ང་ཚོར་འབྲེལ་བ་གནང་རོགས།

Shide
  • Whatsapp

+91 062306 78726

ལམ་སྟོན།

ཁ་བྱང་། H.No. 1080 BAGHSU ROAD MITHA NALA Mcleodganj Dharamshala, Himachal Pradesh, Índia 176219

entrada Peace of Mind

སྐས་འཛེགས་ནས་ཐོག་བརྩེགས་གཉིས་མར་བབས་ན། གཡོན་ཕྱོགས་ཀྱི་སྒོ་དང་པོ།

Thanks for submitting!

bottom of page