top of page

ང་ཚོར་རྒྱབ་སྐྱོར།

ང་ཚོའི་དམིགས་ཡུལ་ནི་མཛད་རིམ་འདྲ་མིན་ཇི་ལྟར་ལྤེལ་རུང་རིན་མེད་དུ་གོ་སྒྲིག་ཞུས་ཏེ་སློབ་ཕྲུག་གི་འདོད་མོས་ལྟར་སེམས་དང་སེམས་ཚོར་གྱི་བདེ་ཐབས་རླབས་ཆེན་ཁག་ངོ་སྤྲོད་ཞུ་རྒྱུ་དེ་ཡིན། ང་ཚོའི་ལས་འཆར་འདི་བཞིན་ལེགས་གྲུབ་ཡོང་བར་གཙོ་བོ་ལྷག་བསམ་ཅན་གྱི་ཞལ་འདེབས་འབུལ་མི་དང་དང་བླངས་ཞབས་ཞུ་བ་རྣམས་ལ་བརྟེན་ཡོད།

ཞལ་འདེབས་གང་བྱུང་ཚང་མ་ཚོགས་པ་འདིའི་རྒྱུན་གྲོན་གྱི་ཆེད་དུ་སྨིན་གཏོང་ཞུ་རྒྱུ་ཡིན། ༼དཔེར་ན། སྐད་སྒྱུར་གླ་ཆ། ཁང་གླ། འཛིན་ཆས། མཁོ་ཆས། གཞན་ཡང་ཟས་སོང་། གློག་རིན་སོགས་མཐུན་རྐྱེན་གྱི་རིགས་ལ་གཏོང་རྒྱུ།༽

WhatsApp Image 2023-03-05 at 20.55_edited.jpg

རྒྱབ་སྐྱོར་གནང་ཕྱོགས།

སྔོན་གྱི་དང་བླངས་ཞབས་ཞུ་བ་རྣམས་ཀྱི་མྱོང་ཚོར།

parry-shide-volunteer.jpeg

ང་རང་མེག་ལོར་གྷན་ཇིར་ནང་ཆོས་སློབ་གཉེར་བྱེད་སྐབས་ཞི་བདེ་ཚོགས་པ་ཐོག་མར་ངོ་འཕྲོད་བྱུང་། སྐབས་དེ་དུས་ཕྱི་ཟླ་གཉིས་པ་ཡིན་ཞིང་། དེ་གར་འཛིན་གྲྭ་གཞན་གང་ཡང་མི་འདུག །དེར་བརྟེན་དགེ་བཤེས་རྣམས་ཀྱིས་མེག་ལོར་དུ་ཡོད་པའི་དོན་གཉེར་ཅན་ཉུང་ཤས་ཤིག་ལ་སློབ་ཁྲིད་གནང་གི་འདུག །དགེ་བཤེས་རྣམས་ཐུགས་གཤིས་བཟང་ཁར་ཐུགས་སྣང་ཤིན་ཏུ་ཆེ་བས། ཁོང་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་གཞན་ལ་སློབ་ཁྲིད་དང་ཕན་ཐོགས་གནང་གི་འདུག་སྙམ་པའི་ཚོར་སྣང་གཏིང་ཟབ་པོ་ཞིག་ང་ཚོ་སུ་ལའང་ངང་གིས་སྟེར་ཐུབ། ང་རང་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་སྟབས་དེའི་དྲིན་དུ་ངས་༼ཁོང་རྣམས་ལ་དཀའ་ངལ་འཕྲད་བཞིན་པའི་༽དྲྭ་རྒྱའི་ཐད་གཞོགས་འདེགས་ཞུས་པ་ཡིན། དེ་ལྟར་རང་ཉིད་ཚོགས་པ་འདི་དང་བློ་ཐག་ཉེ་རུ་ཕྱིན་ཏེ། འབྲེལ་ཡོད་ཀྱི་རིག་གཞུང་དང་ངོ་མཚར་ཆེ་བའི་མི་སྣ་དག་གི་མཛད་རྗེས་ཐད་རྒྱུས་མངའ་ཟབ་ཏུ་ཕྱིན་ནས། དེ་ནི་རང་ལ་དངོས་ཡོད་ཀྱི་ཕན་ཐོགས་ཤིན་ཏུ་ཆེ་བའི་ཉམས་མྱོང་ཞིག་ཏུ་གྱུར་ཅིང་། ངའི་རེ་བར་ཚོགས་པ་འདི་རྒྱ་ཇེ་ཆེར་བསྐྱེད་དེ་མི་མང་པོར་གཅིག་མཚུངས་ཀྱིས་ཉམས་མྱོང་དང་ཕན་ཐོགས་ཐུབ་ན་ཅི་མ་རུང་སྙམ།

ཕྱི་ལོ་ ༢༠༢༣ ལོར། Luisa Brunaldi (Brazil)

WhatsApp Image 2023-03-28 at 10_edited.j

Pedro_edited.jpg

ཁ་རྒྱུན་དུ། གང་ཞིག་གསེར་གྱི་རི་ལ་བསྙེས་བྱས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར་ཞེས་པ་ལྟར། དགེ་བཤེས་རྣམས་ཀྱི་དབྱིན་སྐད་ཡར་རྒྱས་གཏོང་རྒྱུའམ་དེ་མིན་གྱི་རོགས་རམ་ཞུས་པའི་བརྒྱུད་རིམ་ནང་རང་ཉིད་ལའང་བསམ་ཡུལ་ལས་འདས་པའི་ཕན་ཐོགས་བྱུང་། ཁོང་རྣམས་ཀྱིས་རྟག་ཏུ་དགའ་པོའི་ངང་སོ་སོའི་ཉམས་མྱོང་དང་དགོངས་ཚུལ་གསུངས་པ་རྣམས་ཡིད་དབང་འཕྲོག་པ་ཞིག་ཏུ་སྣང་།

ཕྱི་ལོ་ ༢༠༢༣ ལོར། Pedro Souza (Brazil)

WhatsApp Image 2023-04-03 at 12.27_edited.jpg

སེམས་ཀྱི་ཞི་བདེ་ཚོགས་པ་དབུ་མ་བཙུགས་སྔོན་ང་རང་བོད་ཀྱི་དཔེ་མཛོད་ཁང་དུ་དགེ་བཤེས་རྒྱལ་མཚན་ལགས་ཀྱི་སློབ་མ་བྱས་ཏེ་ལོ་ཤས་འདས། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་སློབ་ཕྲུག་རྣམས་ལ་ཁོང་གིས་ནང་ཆོས་སློབ་ཁྲིད་གནང་རྒྱུར་རྟག་ཏུ་ཐུགས་དགྱེས་ཚོར་ཆེན་པོས་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པར་ངའི་སེམས་གཏིང་ནས་ཡིད་སྨོན་ཆེན་པོ་བྱུང་། ཁོང་གིས་ལས་འཆར་གསར་པ་ཞིག་གི་ཐད་ང་ལ་རོགས་རམ་བྱ་རྒྱུའི་འདུན་པ་ཡོད་དམ་ཞེས་དྲིས་པར་ངས་ལམ་སང་ཡོད་ཅེས་ལན་ཕུལ་བ་ཡིན།

སེམས་ཀྱི་ཞི་བདེ་ཚོགས་པའི་ནང་ཆེད་ལས་ཀྱི་དགོས་མཁོ་དང་འབྲས་སྤུངས་དགོན་གྱི་དགེ་བཤེས་རྣམས་ཀྱི་དབྱིན་ཇིའི་ཤེས་ཚད་གོང་མཐོར་གཏོང་སླད་ཁོང་རྣམས་ལ་དབྱིན་ཡིག་སློབ་ཁྲིད་བྱ་རྒྱུ་བྱུང་བར་ང་རང་དགའ་ཚོར་ཆེན་པོ་བྱུང་། ཁོང་རྣམས་ཀྱི་དབྱིན་ཇིའི་གནས་ཚད་མཐོ་རུ་སོང་ན་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་སློབ་ཕྲུག་ཚོར་ནང་ཆོས་ཀྱི་སློབ་དཔོན་གནད་ལ་སྨིན་པ་ཞིག་ཡོང་ཐུབ། ངེད་ཅག་གི་དགེ་བའི་བྱ་བ་འདི་དག་ལ་བརྟེན་ནས་བསགས་པའི་བསོད་ནམས་ཅི་མཆིས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་རྒྱུར་འགྱུར་བར་ཤོག །

ཕྱི་ལོ་ ༢༠༢༣ ལོར། རོ་བར་ཊི་བློ་བཟང་རིན་ཆེན།

WhatsApp Image 2023-03-30 at 07.28.04.jpeg

ང་རང་རྒན་ལགས་ཀྱི་གསུང་སྒྱུར་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེ། ཁོང་གི་སློབ་ཁྲིད་ལས་ཕན་ཐོགས་ཆེན་པོ་བྱུང་། ཁོང་གི་ཁྲིད་ཐབས་ནི་རྒྱ་ཆེ་ལ་དུས་དང་འཚམ་པས། གསུང་སྒྱུར་ཞུ་རྒྱུ་བྱུང་བ་ནི་བདག་ལ་མཚོན་ན་བློ་མིག་ཕྱེས་པ་ལྟར་བྱུང་།

ཕྱི་ལོ་ ༢༠༢༣ ལོར། Lola Odessey Waters  (USA/England)

IMG_6362_edited.jpg

སེམས་ཀྱི་ཞི་བདེ་ཤེས་ཡོན་བསྟི་གནས་ཁང་ནི་བདག་གིས་རྒྱུས་མངའ་ཡོད་པའི་སེམས་པ་བཟང་ལ་སྙིང་བརྩེ་ཆེ་བའི་མི་སྣ་ཁ་ཤས་ཀྱིས་ལྷག་བསམ་ཆེན་པོས་སྣེ་ཁྲིད་པའི་ལས་གཞི་ངོ་མཚར་ཅན་ཞིག་ཏུ་གནས། བདག་ལ་མཚོན་ན། ལས་གཞི་དེ་ཐོག་མར་གསར་འཛུགས་ཞུས་པའི་སྐབས་སྲི་ཞུའི་ཆ་ཤས་ལེན་རྒྱུ་བྱུང་བ་ནི་རང་བྱུང་གིས་བདག་ལ་གནང་བའི་ལག་རྟགས་ཤིག་ཏུ་ཚོར། བདག་གིས་ཕྱར་གྲུ་མཉམ་འདེགས་གང་ཞུས་པ་ཐམས་ཅད་བདེ་བའི་རྒྱུར་གྱུར་པ་ན། སླད་ཕྱིན་མུ་མཐུད་ཞབས་འདེགས་སྒྲུབ་རྒྱུར་གྲ་སྒྲིག་ཨང་གསར་ཡོད།

ཕྱི་ལོ་ ༢༠༢༢ ལོར། Daniel Spinelli  (Brazil)

bottom of page